Labels

Thursday, September 5, 2013


བརྩེ་དུང་ཅན་གྱི་འབྲུག་རྒྱལ་།།
སྐད་བསྒྲགས་ཆེ་བཞིན་མ་ལབ་།།
སྙིང་དོན་ཚང་མའི་གོ་ན་།།
མིག་ཆུ་གཏང་པར་བྱེད་ཡོང་།།

ཆར་སིབ་རི་རླུང་དསྐྱིལ་ལ་།།
སྙན་པའི་བྱིའུ་སྐད་སྒྲ་།།
ཞིབ་འཇུག་ཡག་པོ་བྱེད་དུས་།།
མཛེས་ལྡན་གསུངས་སྐད་རེད་འདུག་།།

འདམ་གཟིང་ཁྱུ་ཕྱུག་ནང་བཞིན་།།
སྟོབས་ལྡན་བུ་ཆུང་འབྲུག་རྒྱལ་།།
མཛེས་ལྡན་ཁྱེད་རང་ཆེད་དུ་།།
གཞན་དང་འགྲནན་སྡུར་བྱེད་ཆོགས་།།

གྲོགས་པོ་ཚ་ག་ཚི་གི་།།
སྙན་ངག་ར་ག་རི་གི་།།
འབྲིས་པི་སྙན་ངག་ང་ལ་།།
སྙན་དུས་གད་མོ་འཐོན་ཤོར་།།
འཛིན་ཁང་ཆེན་པོ་འདི་ནང་ལ་།།
མཛེས་ལྡན་རྩ་གྲང་ཞུ་བཞག་།།
མཛེས་སྐད་གཅིག་ཡང་མེད་པ་།།
སྐུག་པ་བསམ་ནས་ཞེད་བྱུང་།།

དབང་ཐང་ཅན་གྱི་ས་མཐའ་རྒྱལ་པོ་།།
ས་ཡོམ་ངར་མེད་ཀླག་ཀླག་གཏང་རོག་།།
མཛེས་ལྡན་ང་གཉིས་བརྩེ་ཆེ་མེད་ལ་།།
བརྩེ་བ་ཆེ་བཞིན་འཐམ་པར་འགྱུར་སོང་།།

སེམས་པས་ཕྱི་ལ་འཁྱེར་སྐབས་།།
ལུས་ལ་ཆར་སིབ་བཏང་བྱུང་།།
སྙིང་སྡུག་མོ་རང་དྲན་ནས་།།
སེམས་པ་སྐྱོ་ལྷང་བྱེད་སོང་།།

ད་བར་བརྩེ་དུང་ཁྱེད་ལ་ཕུལ་།།
ད་དུང་མགོ་འཁོར་ཐོང་འདོད་མེད་།།
ཕ་མས་གནང་པའི་བྱམས་བརྩེ་བཀའ་།།
དོན་མེད་འཕྲོག་བརླག་གཏང་འདོད་མེད་།།

བརྩེ་དུང་བཏུམ་པའི་སྙིང་འདི་།།
གྲོགས་པོ་ཁྱེད་ལ་ཕུལ་ཆོགས་།།
བསམ་དོན་ཚང་མ་བསྒྲུབ་ནས་།།
བྱམས་སྐྱོང་ཡག་པོ་གནང་རོག་།།

ཁྱེད་ལ་བརྩེ་ཆེ་ཡོད་ཀྱང་།།
སྟོན་པའི་གུས་སྐབས་མ་བྱུང་།།
ཨ་མ་ཁྱེད་ཀྱི་བརྩེ་བ་།།
ཡིད་དང་བྲལ་ཐབས་མི་འདུག་།།

སྡུག་བསྔལ་པག་ཏུ་མྱོང་བས་།།
ཕ་མ་སྙིང་དུ་བཞག་ཡོད་།།
བཀའ་དང་བསམ་དོན་སྒྲུབ་ནས་།།
དྲན་ལེན་མཇལ་པར་བྱེད་ཆོགས་།།

འཁོར་བ་ཆེན་པོ་འདི་ན་།།
མཛེས་མ་མང་པོ་མཐོང་བྱུང་།།
ཨ་མ་ཁྱེད་ལས་མཛེས་པ་།།
གཅིག་ཡང་མཐོང་རྒྱུ་མི་འདུག་།།
གསུངས་སྦྱོན་མང་པོ་གོ་བྱུང་།།
ཨ་མ་ཁྱེད་ལས་སྙན་པ་།།
གཅིག་ཡང་གོ་རྒྱུ་མི་འདུག་།།

ཚ་བའི་ཉི་མ་འོད་འདི་འཆར་།།
གྲང་བའི་འདར་ཟི་རླུང་འདི་རྒྱབ་།།
བཏུམ་པའི་རྒྱོན་ཆས་ཡོད་པ་ནི་།།
ཕ་མ་ཁྱེད་གཉིས་བཀའ་དྲིན་བསམ་།།

རྣམ་པ་བུ་ངས་མི་ལྟ་།།
རྒྱོན་ཆས་བུ་ངས་མི་ལྟ་།།
རྒྱུ་ནོར་བུ་ངས་མི་ལྟ་།།
སེམས་པ་ངས་ཀྱི་ལྟ་ཡོད་།།








Friday, August 23, 2013

གནམ་ལ་ཉི་མ་ཤར་ཡང།།
ཉི་འོད་ཕོགས་ཀྱི་མི་འདུག།།
སྟོད་ཐུང་གསེར་པོ་གྱོན་པར།།
སྙིང་ཀ་ན་ཚ་བཏང་སོང།

སྤང་ལྗངས་བསིལ་པོ་འདི་ན།།
ཆར་པ་མེད་པའི་སྐབས་ལ།།
སྐམ་པོ་གསེར་པོ་ཆགས་བཞིན།།
བུ་ཆུང་གཅིག་པོ་བསྡད་སྐབས།།
ཁྱེད་རང་མེད་པའི་སྐབས་ལ།།
སེམས་སྐྱོ་ལྷང་ལྷང་བྱེད་ཀྱི།།

རིང་པོ་ཆུང་ཆུང་གཉིས་དེ།།
སྐད་ཆ་རྫོགས་ཡ་མི་འདུག།།
ཙི་ཙི་ཞི་མི་འདྲ་ཡང།།
བསྡད་ལགས་ཚུགས་རྒྱུ་མི་འདུག།།

Gaber singh དང་འདྲ་བ།།
མོ་རའི་ལུས་པོ་རེད་འདུག།།
བུ་མོའི་ཉལ་ཁང་ནང་ནས།།
དབང་ཐང་ཅེ་ཤོས་རེད་འདུག།།





སྙམ་ཆུང་བཞུག་པའི་བུ་མོ།།
མཛེས་བཟོ་སྟོན་གྱི་མི་འདུག།།
ཙ་ཀ་ཙི་ཀི་བྱུག་ན།།
ཚང་མའི་ཡིད་དབང་འཁྱེར་འགྲོ།།

བོད་ཡིག་ཚོགས་ཐེངས་སྐབས་སུ།།
སྙན་ངག་འབྲིས་པར་གསུངས་བྱུང།།
ཤོག་བུ་རྟོང་པ་ལྷག་པར།།
ཁྱེད་རང་མེད་པའི་སྐྱེན་རེད།།

ཞོགས་པ་དྲིལ་བུ་རྡུང་སྐབས།།
མོ་རང་འཛིན་ཁང་འགྲོ་སོང།།
ཚག་ཚིག་གྲ་སྒྲིག་བྱས་ནས།།
གང་བསྒྱོགས་འཛིན་ཁང་ཐོན་འགྲོ།།

གུང་གསེང་དགོས་རྒྱུ་མི་འདུག།
བར་གསེང་དགོས་ཡ་མི་འདུག།
སྐར་མ་གཅིག་ཙམ་བྲལ་སྐབས།།
སེམས་ལ་ན་ཚ་གཏང་གི།།



ཅོ་ཇོ་དངོས་གྲུབ་ཁྱེད་རང་།།
དྲིལ་བུ་རྡུང་བ་མ་གནང་།།
ང་དང་མཛེས་ལྡན་མོ་རང་།།
སྙིང་གཏམ་བཤད་རྒྱུ་ལྷག་ཡོད།།



རང་སེམས་ཤོར་བའི་བུ་མོ།།
གྲོགས་ཀྱང་སེམས་པ་ཤོར་གྲབས།།
གལ་སྲིད་ཤོར་བ་ཡིན་ན།།
ཁྱེད་ལ་རང་དབང་ཡོད་དོ།།



པར་གདན་གཡོག་ཚར་རྗེས་ལ།།
སྤྱན་ངན་མོ་ལ་མ་ལྟ།
རང་གི་ཨ་ཅག་རེད་ལ།།
སྐལ་བཟང་སྒྲོལ་མའི་ཨ་མ།།



འཁོར་བའི་རྒྱ་མཚོའི་འཇིག་རྟེན་འདི་ན།།
སྐྱོ་བའི་སྟོང་ལྷང་དུས་གཅིག་ཤར་དུས།།
སྙིང་ཆུང་དམར་པོ་ཆུང་ལས་མེད་དེ།།
ཁྱེད་ཀྱིས་རྩ་མེད་དུམ་བུར་བཏང་བྱུང་།།



སྐྱིད་པའི་ཆར་དུས་ཡལ་སོང་།།
བུ་ཆུང་སེམས་པ་སྐྱོ་སོང་།།
མཛེས་ལྡན་མོ་རང་ཕྱིན་སོང་།།
ལུས་སེམས་གཉིས་ཀ་འཁྱེར་སོང་།།



སེམས་པ་སྐྱོ་བའི་ཚོར་བ།།
ལུས་པའི་ཐོག་ལ་ཁྱེར་སོང་།།
སྤང་རི་རྩེ་ལ་བལྟས་ཡིན།།
ཨ་མའི་ཞལ་མཇལ་བྱུང་སོང་།།



དྲན་ནས་ལུས་པོ་འདར་སོང་།།
ལག་པའི་སྤུ་ཡང་ལངས་སོང་།།
སྙིང་ཁྲག་ཚད་ལས་བརྒལ་སོང་།།
སྙིང་ལ་ཨི་ཁུང་ཕིབ་སོང་།།



སེམས་པ་སྐྱོ་བའི་སྐབས་ལ།།
སྲིན་འབུ་ངའི་ཕྱོགས་མ་ཡོང་།།
སྙིང་རྗེ་མེད་པའི་བུ་ང་།།
ཁྱེད་རང་རྡོག་པས་རྫི་ཡོང་།།



རྐང་སེར་ཆོབ་སེར་བྱེའུ།།
བུ་ངའི་འགྲམ་ལ་ཤོག་དང་།།
སྙིང་གི་སྐད་ཆ་ཚིག་གསུམ།།
ཁྱེར་ནས་ཁོང་མོར་འབུལ་རོགས།།



ད་བར་སེམས་པ་འཕྲོག་ནས།།
རང་དབང་མེད་པར་བཟོས་བྱུང་།།
ད་ནི་དགོངས་པ་མ་འཚོམ།།
བུ་ང་འགྱུར་བ་ཐེབས་ཡོད།།






བྱམས་སྐྱོང་ཆེ་བའི་ཨ་མ།།
ཁྱེད་དང་བྲལ་བའི་སྐབས་ལ།།
ཉི་མ་སྤྲིན་པས་བཏུམ་བཞིན།།
མི་ཚེ་ནག་ཁུང་ཆག་སོང།།



སྐེ་ལ་ཁ་བཏགས་གཡོག་བྱུང་།།
སེམས་པའི་ནང་དུ་ཁྱར་ཡིན།།
ཨ་མ་བཀའ་དྲིན་འཇལ་བའི།།
ཤར་བའི་ཉི་མ་སྒུག་ཡོད།།



བཀའ་དྲིན་ཅན་གྱི་ཨ་ཕ།།
ཐུགས་ཁྲེལ་བུ་ལ་མ་གནང།།
བློ་སེམས་གཅིག་ཏུ་འདྲེས་ནས།།
ཡོན་ཏན་སྦྱོང་བཞིན་བསྡད་ཡོད།།



ས་ཐགས་རྒྱང་ལ་སླེབས་དུས།།
སེམས་པ་ཁེར་རྐྱང་ཚོར་བྱུང།།
ཕ་མ་གཉིས་ཀྱི་ཞལ་རས།།
ཡིད་ལ་འཁོར་འཁོར་ཤར་བྱུང།།

སེམས་ཉེ་ང་ཡི་ཙོ་ཇོ།།
སེམས་པ་ང་ལས་ཆེ་བ།།
ད་བར་བྱམས་སྐྱོང་གནང་བྱུང།།
ད་དུང་མུ་མཐུད་གནང་རོག།།

ཨ་ཅག་ཚེ་རིང་སྒྲོལ་མ།།
བཟང་ལ་ཡབ་ཡུམ་བལྟ་བཞིན།།
ད་དུང་བུ་མཐུད་བལྟ་རོགས།།
བུ་ཆུང་ལོ་གསུམ་རྗེས་ལ།།
མཐོ་སློབ་འཐོན་པའི་སྐབས་སུ།།
རྩི་ཁྲ་ཆ་ཚང་ལེན་ཆོག།།



ཅོ་ཇོ་ཆོས་ཉིད་ཁྱེད་རང།།
ཆོས་ཀྱི་སྙིང་པོ་ཡིན་ཟེར།།
དེ་འདྲ་ངོ་མ་ཡིན་ན།།
གྲ་པ་གནང་ནས་སྟོན་དང།།



ཁྱེད་ཀྱི་གནང་པའི་ལུས་པོ།།
བུ་ངས་འཕྲོ་རླག་མི་གཏང།།
འཕྲོད་བསྟེན་ལེགས་ཞིང་གསོ་ནས།།
བུ་ངས་འབྲེས་བུ་སྟོན་ཆོག།།



དང་པོ་རང་ལ་མ་བསམ།།
གཉིས་པ་གཞན་ལ་མ་བསམ།།
གསུམ་པ་གཉིས་ཀ་མ་བསམ།།
བཞི་པ་གཉིས་ཀ་བརླགས་སོང།།





བསམ་བློ་འདྲ་མིན་མ་བཏང།།
གྲོགས་པོ་གྲོགས་མོ་མ་བལྟ།།
རང་གི་སེམས་པ་ཤོར་ན།།
དགའ་བང་ངང་ནས་བཤད་དགོས།།